རང་བཞིན་སྙིང་བཅུད་གསར་བསྐྲུན་འབད།
རྗེས་ཐོག་དོན་མཚམས་ཀྱི་མགོ་ཡིག་དང་ཨང་ཡིག་དེ་ ཤུགས་ལྡན་ཡིག་ཆའི་ནང་ལས་ རང་བཞིན་སྙིན་བཅུད་ཀྱི་ཚིག་ཡིག་ཡིག་ཆ་གསརཔ་པའི་ནང་ལུ་ འདྲ་བཤུས་རྐྱབས་ཨིན། རང་བཞིན་སྙིང་བཅུད་དེ་ ཡིག་ཆ་རིངམོ་ཚུ་གི་ སྤྱི་མཐོང་ལེན་ནི་ལུ་ ཕན་ཐོགས་ཡོདཔ་ཨིན། ཁྱོད་ཀྱིས་མཐའ་ཐིག་གི་གནས་རིམ་དང་ དེ་བཟུམ་སྦེ་ དེ་ནང་ལུ་བསྐྲམ་སྟོན་འབད་ཡོད་པའི་དོན་མཚམས་ཀྱི་གྱངས་ཁ་དེ་ གསལབཀོད་འབད་ཚུགས། སྒྲིག་སྟངས་ཀྱི་བྱེ་བྲག་སོ་སོའི་འོག་ལུ་ཡོད་མི་ གནས་རིམ་དང་དོན་མཚམས་ཚུ་ཆ་མཉམ་ སྦ་བཞག་ནུག
མཐའ་ཐིག་གི་གནས་རིམ་ཚུ་ གྲངས་སུ་བཙུགས་ཡོདཔ།
ཡིག་གསར་པའི་ནང་ལུ་འདྲ་བཤུས་བརྐྱབ་བཞག་ནིའི་དོན་ལུ་ མཐའ་ཐིག་གནས་རིམ་གྱི་རྒྱ་ཁྱོན་དེ་བཙུགསཔ་ཨིན།དཔེ་འབད་བ་ཅིན་ ཁྱོད་ཀྱིས་གནས་རིམ་བཞི་གདམ་ཁ་བརྐྱབ་པ་ཅིན་ གནས་རིམ་རེ་ལུ་ཡན་ལག་ཡིག་ཚད་རེ་གི་ནང་ལུ་ བྱེ་བྲག་སོ་སོའི་དོན་མཚམས་ཀྱི་གྱངས་ཁ་ཚུ་གསལ་བཀོད་འབད་ཡོད་མི་དང་གཅིག་ཁར་ མཀོ་ཡིག་༡་ལས་མགོ་ཡིག་༤་གི་ཐོག་ལས་དོན་མཚམས་རྩ་སྒྲིག་འབད་ཡོད་མི་ཚུ་ གྲངས་སུ་བཙུགསཔ་ཨིན།.
གནས་རིམ་རེ་ལུ་ ཡན་ལག་ཡིག་ཚད་རེ།
མགོ་ཡིག་རེའི་ཤུལ་ལས་ རང་བཞིན་སྙིང་བཅུད་ཡིག་ཆའི་ནང་ལུ་གྲངས་སུ་བཙུགས་བཞག་ནིའི་དོན་ལུ་ རིམ་མཐུད་དོན་མཚམས་ཚུ་གི་གྱངས་ཁ་མང་མཐའ་དེ་ གསལ་བཀོད་འབདཝ་ཨིན། ངེས་འཛིན་མང་མཐའ་འབད་ཡོད་མི་ཚུན་གྱི་དོན་མཚམས་ཆ་མཉམ་ ཤུམ་མམ་གྱི་དོན་མཚམས་དང་གཅིག་ཁར་ མགོ་ཡིག་ཅིག་མ་ལྷོད་ཚུནཚོད་ གྲངས་སུ་བཙུགསཔ་ཨིན།